12/08/2016

སེར་སྨད་གྲྭ་ཚང་གི་ཕྱག་སྲོལ་བཞིན་ཁམས་སྟོང་འཁོར་དགོན་གྱི་ཕར་ཕྱིན་མཛད་སྒོ།


སྤྱིར་སྟོང་འཁོར་དགོན་གྱི་མདོ་ཕྱོགས་ཀྱི་བྱེད་སྒོ་རྣམས་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དངམཚུངས་པ་ཡིན་ཞིང་། དེ་བཞིན་ལོ་གཉིས་རེའི་མཚམས་ནས་གྲྭ་ཚང་གི་ཕར་ཕྱིན་གྱི་གཞུང་མཐར་སོན་པའི་ཕར་ཕྱིན་འཛིན་གྲྭས་ཧོར་ཟླ་དྲུག་པའི་ཚེས་བཞིའི་ཉིན་མོར་བདག་ཅག་གི་སྟོན་པས་ཆོས་འཁོར་བསྐོར་བའི་དུས་ཆེན་སྲུང་བརྩི་དང་སྟབས་བསྟུན་ནས་གྲྭ་ཚང་གི་ཆོས་རའི་ཕྱི་ནང་གི་ཁོར་ཡུག་གཙང་སེལ་དང་སྟོང་འཁོར་རིགས་གསུམ་མགོན་པོའི་གནས་ཆེན་དུ་གནའ་བོའི་སྲོལ་རྒྱུན་བཟང་པོ་ཡོད་པ་བཞིན་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་ནས་བླ་བྲང་དང་དགོན་གཞུང་གི་དབུ་ཁྲིད་རྣམ་པ་དང་། མཁན་ལས་སྣེ་རྣམ་པ། དེ་བཞིན་དགེ་འདུན་མང་ཚོགས། ཡུལ་འདིའི་མི་སྐྱ་ཕོ་མོ་རྒན་དར་གཞོན་གསུམ་མི་མང་མཉམ་འཛོམས་ཀྱི་གོ་སྒྲིག་ཐོག དགེ་འདུན་མང་མ་ལ་བསྙེན་བཀུར་དང་། གནས་ཆེན་འདིའི་དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་ལ་བསང་གསོལ། སེར་སྐྱ་མང་ཚོགས་ལ་གཞས་སྣ་འཁྲབ་སྟོན་དང་བཞེས་ལག་བཅས། ཕྱི་ལོ་ ༢༠༡༦ ལོའི་ཕར་ཕྱིན་འཛིན་གྲྭས་འགན་ཁུར་བཞེས་ནས་ལེགས་གྲུབ་བྱུང་ཡོད། 

No comments:

Post a Comment