03/12/2015

བཞི་མཆོད་དང་ལྔ་མཆོད་ཆེན་མོའི་འཚམས་འདྲི་དགེ་སྐུལ།

དེ་རིང་དང་སང་ཉིན་གཉིས་ནི། མཉམ་མེད་ཙོང་ཁ་པ་ཆེན་པོའི་དངོས་སློབ། གདན་ས་ཆེན་པོ་སེ་ར་ཐེག་པ་ཆེན་པོའི་གླིང་ཕྱག་འདེབས་པ་པོ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་དང་། ༸རྒྱལ་དབང་ལྔ་པ་ཆེན་པོས་རིག་པའི་གནས་མཐའ་དག་ལ་འཁྲུལ་པའི་དྲི་མ་ཙམ་ཡང་མེད་པ་ཞེས་ཆེས་ཆེར་བསྔགས་པ། གངས་ཅན་མཁས་པའི་གཙུག་རྒྱན་རྗེ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་དཔལ་དགོངས་པ་རྫོགས་ནས་བགྲང་བྱ་ ༥༩༦ འཁོར་བའི་འདས་མཆོད་ཀྱི་ཉིན་མོ་ཡིན་པས། དད་ལྡན་ཐམས་ཅད་ཀྱིས་རྣམ་དཀར་དགེ་སྒྲུབ་ཀྱི་ལས་ལ་བརྩོན་ཞིང་། སྲོག་གཅོད་སྡིག་ལས་སོགས་མི་བྱེད་པར་རང་གི་འབྱོར་བར་གཞིགས་ཏེ་མཆོད་སྦྱིན་བརྒྱ་འབུལ་སྟོང་འབུལ་ཡོང་བའི་དགེ་སྐུལ་བྱེད།
སྙིགས་མའི་དུས་འདིར་མང་ཐོས་སྒྲུབ་ལ་བརྩོན།།
ཆོས་བརྒྱད་སྤངས་པས་དལ་འབྱོར་དོན་ཡོད་བྱེད།།
མགོན་པོ་ཁྱོད་ཀྱི་རླབས་ཆེན་མཛད་པ་ལ།།
བདག་ཅག་བསམ་པ་ཐག་པས་ཡི་རང་ངོ་།།

No comments:

Post a Comment