10/12/2014

དཀར་མཛེས་རྫོང་ཐོག་ཏུ་མགྲོན་ཁང་གསར་རྒྱག་བྱེད་བཞིན་པ།

སྟོང་འཁོར་དགོན་གྱི་འཛིན་སྐྱོང་དབུས་སྤྱི་ཁྱབ་རྒྱུན་ལས་སྐབས་དགུ་པས་ད་ཆར་དཀར་མཛེས་རྫོང་ཐོག་ཏུ་ཐོག་བརྩེགས་དྲུག་ཅན་གྱི་མགྲོན་ཁང་ཆེན་པོ་འགའ་བཟོ་བསྐྲུན་བྱེད་བཞིན་ཡོད་ཅིང་། ལས་གཞི་དེ་རྣམས་ཀྱིས་མ་འོངས་པར་གང་སྤྱིའི་ཐད་ནས་དགོན་པའི་འཚོ་བའི་མཐུན་རྐྱེན་སོགས་ལ་གནད་སྨིན་ཡོང་བའི་ཚོད་འཛིན་བྱེད་བཞིན་ཡོད་ལ་ ༢༠༡༤ ལོར་གསར་དུ་འཛུགས་བསྐྲུན་བྱེད་འགོ་ཚུགས་ཡོད།
མ་ཟད་སྟོང་འཁོར་ས་གནས་རང་གི་བསོ་ཐོག་གནས་ཀྱི་ཉེ་འདབས་སུ་ཡང་གནས་མཇལ་བ་དང་ཡུལ་སྐོར་སྤྲོ་འཆམ་པ་སོགས་ལ་སྟབས་བདེའི་སླད་མགྲོན་ཁང་དང་ཟ་ཁང་ཚོང་ཁང་བཅས་གསར་བཟོ་བྱེད་བཞིན་ཡོད།

དགོན་པ་དང་ཐག་ཉེ་བའི་ས་ཆར་རླངས་འཁོར་ས་སྣུམ་ཚོང་ཁང་ཞིག་ཀྱང་གསར་རྒྱག་བྱེད་བཞིན་ཡོད་ལ་དེས་ཡུལ་གྱི་འཁོར་ཕྱོགས་ཆ་ནས་འགྲིམ་འགྲུལ་མང་ཚོགས་ལ་སྣུམ་གྱིས་ཞབས་ཞུ་བསྒྲུབ་ཐུབ་པའི་གདེང་ཚོད་ཆེན་པོ་བྱེད་བཞིན་ཡོད་ཅིང་ ༢༠༡༤ ལོའི་འཛིན་སྐྱོང་གིས་གསར་བསྐྲུན་ལ་འབད་ཀྱིན་ཡོད།